Sunday, June 22, 2014

ཁུང་ཙི་བསྟི་གནས་ཁང་དང་འབྲེལ་བ་བྱས་ཚེ་ཤེས་ཡོན་གྱི་རང་དབང་ལ་འགོག་རྐྱེན་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་བ།


༄༅། །དབྱིན་ཇིའི་གསར་ཤོག་གྲགས་ཅན་ཊེ་ལི་གྷ་རབ་ The Telegraphཀྱི་གསར་འགོད་པ་སྐུ་ཞབས་པེ་ཊར་ཕོ་སི་ཊར་ Peter Fosterལགས་ཀྱིས་རྩོམ་ཡིག་ཅིག་སྤེལ་བའི་ནང་འཁོད་དོན་ལྟར་ན།
དེང་སྐབས་ཨ་རིའི་གཙུག་ལག་སློབ་དཔོན་མཐུན་ཚོགས་ The American Association of University Professors (AAUP) ཞེས་འཛམ་གླིང་ནང་ཆེས་མཐོང་ཆེན་པོ་ཞུ་བཞིན་ཡོད་པའི་མཐུན་ཚོགས་དེས་རྒྱ་ནག་གི་ ཁུང་ཙི་བསྟི་གནས་ཁང་Confucius Institutes ཟེར་བར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཤུགས་སྤེལ་བའི་ནང་འཁོད་དོན། དེ་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ འཇམ་པོའི་སྟོབས་ཤུགས་གོང་འཕེལ་གཏོང་རྒྱུ་དང་རྒྱ་ནག་དམར་ཤོག་ཚོགས་པ་རང་ཉིད་ ཀྱི་རྣམ་པ་ཇེ་བཟང་དུ་གཏོང་ཆེད་འཛམ་

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་མི་སྐྱབས་བཅོལ་བ་བལ་ཡུལ་དུ་འབྱོར་སྐབས་རོགས་རམ་གནང་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་བ།



༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་རྟོག་ཞིབ་ཚོགས་པས་ The UN High Commissioner for Refugees རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་དང་སྟབས་བསྟུན་གསར་འགོད་ལྷན་ཚོགས་ཤིག་སྐོང་ ཚོགས་གནང་སྟེ་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ཡོང་མཁན་བོད་མི་ རྣམས་བལ་ཡུལ་དུ་སྡོད་རིང་ཟས་གོས་སོགས་གང་སྤྱིའི་མཐུན་རྐྱེན་སྦྱར་རྒྱུ་མ་ཟད། རྒྱ་གར་དུ་བདེ་འབྱོར་ཐུབ་རྒྱུར་རོགས་རམ་གནང་རྒྱུའི་ཁས་ལེན་ཡང་གནང་ཡོད། དེ་ཡང་གསར་འགོད་ལྷན་ཚོགས་ཐོག་སྤེལ་བའི་གསལ་བསྒྲགས་དེའི་ནང་འཁོད་དོན་ལྟར་ན།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་རྟོག་ཞིབ་ཚོགས་པས་ བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་རང་གི་རྩ་བའི་བླ་མ་མཇལ་ཆེད་བྲོས་བྱོལ་དུ་ ཕེབས་མཁན་བོད་མི་རྣམས་རྒྱ་གར་དུ་བདེ་ཐང་ངང་འབྱོར་ཐུབ་རྒྱུར་མཐུན་འགྱུར་ རོགས་རམ་གནང་དང་གནང་བཞིན་པ་མ་ཟད། བོད་མི་སྐྱབས་བཅོལ་བ་ཁོང་རྣམས་བལ་ཡུལ་དུ་སྡོད་རིང་ཆེས་མཐོའི་སྐྱབས་བཅོལ་ རྟོག་ཞིབ་ཚོགས་པས་སྨན་བཅོས་སོགས་ཀྱི་མཐུན་འགྱུར་ཡང་གནང་བཞིན་ཡོད། ཅེས་འཁོད་འདུག