༄༅།།
གངས་ཅན་གནག་རྫི་ནུབ་ཕྱོགས་ཐབ་གཡོག་ཚོས།། ཁ་རྒྱབ་ལྟོ་གོས་ཉིན་འཁྱོངས་མཚན་ཐུབ་དེའི།།
ཁེངས་དྲེགས་དགུ་རྩེག་རང་ལས་ཆེ་བའི་གཏམ།། ཕ་མ་ཕུ་ནུར་འུར་རྡོ་གཟི་ལོག་བཞིན།།
ཡོངས་སུ་སྐོར་ཏེ་ཀུན་ནས་འཕེན་པ་འདི།། དགྲ་དགའ་གཉེན་སྡུག་ལས་ཀྱི་མཐའ་ཡིན་ཡང་།།
ཕྱག་ན་པདྨའི་བྱིན་རླབས་བདུད་རྩིའི་རྒྱུན།། འཛམ་གླིང་འཛིན་མར་ཆར་བཞིན་བསྩལ་བ་དེས།།
བོད་སྐྱོབ་ལས་བྱང་རྒྱལ་སྤྱིའི་ཁྱོན་ལ་སྤེལ།། བདེན་པའི་རྒྱལ་ཁ་རིགས་མཐུན་འགྲོ་ལ་བཅོལ།།
གཞིས་སྲུང་ཕུ་ནུའི་ལ་རྒྱའི་སྤོབས་པ་ཡང་།། བ་དན་བཞིན་དུ་སྲིད་གསུམ་རྩེ་རུ་བསྐྱོད།།