Thursday, January 17, 2013

སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་ལས་འགུལ་འགྲོ་བཞིན་པ།


 ༄༅། །བྱང་ཤར་ཁུལ་དུ་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༦ ནས་ ༡༡ བར་ནུབ་བྷེང་གྷལ་མངའ་སྡེར་ལེགས་གྲུབ་ཀྱིས་ཕྱི་ཚེས་ ༡༢ ཉིན་ཨོ་རི་ས་མངའ་སྡེའི་རྒྱལ་ས་བྷུ་ཝ་ནེཤ་ཝར་འབྱོར་ནས། མངའ་སྡེའི་སྲིད་སྐྱོང་སོགས་སྡེ་ཚན་འདྲ་མིན་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་འབྲེལ། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིིས་ཐོག་ནས་ཞུས་ཡོད་པ་དང། མངའ་སྡེའི་དཔོན་རིགས་ཁག་གིས་ཀྱང་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང། སླད་ཀྱང་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། ད་དུང་མུ་མཐུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཞུ་རྒྱུའི་ལས་རིམ་མང་དག་ཅིག་ཀྱང་བསྒྲིགས་ཡོད་པ་རེད།


ཕྱི་ཚེས་ ༡༣ ཕྱི་དྲོ་ཆུ་ཚོད་ ༥ པ་ནས་ ༧ པ་བར་རམ་མནྡིར་ནས་ལོ་ཨར་པི་ཨེམ་ཇི་བར་ཨོ་རི་ས་བོད་མིའི་གཞིས་ཆགས་ནས་དང་བླངས་ཕེབས་མི་ ༡༥༠ ལྷག་དང་ས་གནས་བོད་མི་དང་རྒྱབ་སྐྱོར་བ་བཅས་མི་གྲངས་ ༢༠༠ ལྷག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གནང་། མི་སྣ་མཇལ་འཕྲད་གནང་བའི་གྲས་སུ་མངའ་སྡེའི་སྲིད་སྐྱོང་ཨེམ་སི་བྷན་དྷ་རེ་(Mr.M.C Bhandare,Honorable Governor of Odisha)དང་། མངའ་སྡེ་གཞུང་གི་སོ་ནམ་བློན་ཆེན་སྐུ་ཞབས་དྷེ་བྷི་པྲ་སད་མིཤ་ར་དང་།(Mr.Debi Prasad Mishra,Minister for Agriculture) བཟོ་ལས་དང་ཐོན་འབབ་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་ནི་རན་ཇན་པུ་ཇ་རི། (Mr.Niranjan Pujari,Minister for Industry and Excise) མངའ་སྡེའི་ཕྱོགས་འགལ་ཚོགས་པའི་གཙོ་འཛིན་སྐུ་ཞབས་བྷུ་པིན་ཌར་སིངྒ་(Mr. Bhupinder Singh,MLA, leader of opposition) མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ནི་རན་ཇན་པཋ་ན་ཡེཀ་(Mr.Niranjan Patnaik)དང་གྲོས་ཚོགས་འཐུས་མི་ཟུར་པ་འགའ་ཤས། མངའ་སྡེའི་སྦི་ཇེ་པིའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇཱོལ་ཨོ་རམ།(Mr.Jual Oram,State BJP President) དང་། ཚོགས་གཙོ་གཞོན་པ་དང་ཚོགས་པའི་མགྲིན་ཚབ་པ་ཨ་ཤོག་ས་ཧུ། (Mr.Ashok Sahu,Vice President & Spokesperson BJP) ཨོ་རི་ས་གཞུང་གི་སྤྱི་ཁྱབ་དྲུང་ཡིག་ཆེན་མོ་སྐུ་ཞབས་སྦི་ཀེ་པཊ་ན་ཡེཀ་(Mr.B.K. Patnaik, IAS. Chief Secretary,Govt. of Odhisha) དང་། ཨོ་རི་ས་གཞུང་གི་དྲུང་འཕར་སྐུ་ཞབས་ཇེ་ཀེ་མཧཱ་པ་ཏྲ་(Mr..J.K.Mahapatra,IAS.Additional Chief Secretary) ཨོ་རི་ས་ཤེས་ཡོན་ལྷན་ཁང་གི་དྲུང་ཡིག་གཙོ་བོ་སྐུ་ཞབས་ཇི་ཀེ་ཌཱལ།(Mr.G.K.Dhal,IAS.Principal Secretary,་Department of Higher Education) ཨོ་རི་སའི་བཟོ་ལས་དང་ཐོན་འབབ་ཁྲལ་བསྡུའི་དྲུང་ཆེ་སྒར་ཞ་བ་སྐུ་ཞབས་སུ་དར་ཤན་པལ་ཋ་ཀུར།(Mr.S.P.Thakur,IAS.Principal Secretary,Excise Dept.Govt. of Odisha) ཨོ་རི་སའི་གསར་འགོད་པ་སྙན་གྲགས་ཅན་ནམ་ཏཐ་ཡེའི་རྩོམ་སྒྲིག་པ་སྦི་ཀེ་མིཤ་ར།(Mr.Braka K Mishra)ཨོ་རི་ས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱ་གར་གཞུང་གི་སྙན་གྲགས་ཅན་གྱི་གཟེངས་རྟགས་ཐོབ་མཁན་ཌོག་ཊར་ཌི་པི་པཊ་ན་ཡེཀ་(Dr.D.P.Patnaik) རྒྱ་གར་གཞུང་གི་གཞུང་ཞབས་ཟུར་པ་དང་ལས་འགུལ་བ་སྐུ་ཞབས་ཌི་ཀེ་རོའི་(Mr.D. K.Roy,former bureaucrat,former chief commissioner for Indian Revenue office,Govt. of India and now activist)དང། གཞུང་ཚབ་ཟུར་པ་དེང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་བ་ཨབ་ས་ར་བེ་རུའེ་(Mr.Absara Beuria,former ambassador to UAE and Madagaskar,and now social activist)། ཨུཏ་ཀལ་གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན་ཌོག་ཊར་ཨ་མི་ཡ་པཋ་ན་ཡེཀ་(Dr.Amiya Patnaik,Vice Chancellor of Utkal University of Culture) མངའ་སྡེའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨུཏ་ཀལ་གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན་ཟུར་པ་ཌོག་ཊར་མོ་ཧན་ཏི།  (Dr.Mohanty,Former Vice Chancellor of Utkal University for Cultural and Maha Bhodhi Society’s President)དང་ཚོགས་པ་དེའི་དྲུང་ཆེ་ཌོག་ཊར་བྷ་ཏྲ།(Dr.Batra) ཨོ་རི་ས་ནང་པའི་སྡེ་ཚན་གྱི་ཚོགས་གཙོ་སྐུ་ཞབས་གོ་རི་ཤངྐར་ཀུ་མར་(Mr.Gouri Shankar Kumar) བཅས་མཇལ་འཕྲད་ཞུས་འདུག །


སྲིད་སྐྱོང་མཆོག་གི་བཀའ་སློབ་ཕེབས་དོན་དུ་བོད་དོན་ཐོག་ག་དུས་ཡིན་ནའང་གདུང་སེམས་མཉམ་སྐྱེད་ཡོད་པ་དང། བོད་ནང་དུ་དཀའ་ངལ་མུ་མཐུད་གནས་ཡོད་པ་དང་རྒྱ་དམར་གཞུང་ནས་དཀའ་ངལ་སེལ་རྒྱུར་བསམ་ཤེས་མ་བྱས་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་ཡིན་གནས། བོད་དོན་དཀའ་རྙོག་སེལ་བར་དབུ་མའི་ལམ་ནི་ཐབས་ལམ་གཅིག་ཉིད་ཡིན་པ། ཁྱེད་ཚོས་མི་དང་མི་གདོང་གཏུག་གིས་ལས་འགུལ་བརྩམས་པར་བསྔགས་བརྗོད་ཡོད་ཅེས་གསུངས། དེ་བཞིན་གོང་གསལ་མཇལ་འཕྲད་ཞུས་པ་ཚང་མས་དེ་སྔ་ཡང་རྒྱབ་སྐྱོར་ཡོད་པ་དང་ད་དུང་དེ་ལྷག་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག་པ་དང་། མཁས་དབང་དང་སྡེ་ཚན་འདྲ་མིན་གྱི་མི་སྣ་མཇལ་འཕྲད་ཞུས་པ་དེས་བོད་དོན་རྒྱབ་སྐྱོར་མུ་མཐུད་སྲ་བརྟན་གནས་ཐབས་དང་ཆབ་སྲིད་པ་ཚོར་གནོན་ཤུགས་སྤྲོད་ཐབས་བཅས་རེད་འདུག་བཅས་ཀྱི་གསར་གནས་སུ། 

རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེ་ནས་བོད་དོན་ཞུ་འབོད་ཀྱི་ལས་འགུལ།



རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེ་ནས་བོད་དོན་ཞུ་འབོད་ཀྱི་ལས་འགུལ།

ལྷོ་ཕྱོགས་ཁུལ་དུ་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དྲུག་གིས། ཕྱི་ལོ་༢༠༡༣ ཟླ་ ༡ ཚེས་ ༡༣ ནས་༡༥བར་ཀེ་ར་ལ་མངའ་སྡེར་བཞུགས་པའི་གནད་ཡོད་མི་སྣ་དང་།  མངའ་སྡེའི་སྲིད་སྐྱོང་། སྤྱི་ཁྱབ་བློན་ཆེན།  མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི།   ཚོགས་སྡེ་ཁག་སོགས་དང་མཇལ་འཕྲད་གནང་ཡོད་པ་དང། ཚེས་ ༡༣ ཉིན་རྒྱ་གར་དབུས་གཞུང་གི་བདེ་འཇག་སློབ་སྟོན་པ་ (T P Srinavasan) མཆོག་དང་མཇལ་འཕྲད་ཞུས།   དེའི་རྗེས་ཀེ་ར་ལ་གྲོས་ཚོགས་ཚོགས་གཙོ་རྗེའི་ཀར་ཐི་ཀི་ཡན་(G Karthikayan)མཆོག་དང་མཇལ་སྐབས།  ཁོང་གིས་ཆེ་མཐོང་མཚོན་ཆེད་དུ་སྒོ་ཁར་བསུ་བར་འཕེབས་སྟེ་སྣེ་ལེན་རྒྱས་པར་གནང་བར་མ་ཟད་གསར་འགོད་པ་༢༨ ཆེད་འགུག་གནང་འདུག  ཁོང་གིས་ཀེ་ར་ལའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་ཁོང་ཉིད་ཀྱིས་ཕྱག་བྲིས་"བྱམས་བརྩེ་དང་ལྷག་བསམ་བཟང་པོས་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་"བཅས་མཚན་རྟགས་དང་བཅས་གནང་བྱུང་།

རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེ་ནས་བོད་དོན་ཞུ་འབོད་ཀྱི་ལས་འགུལ།

ཚེས་༡༤ ཉིན་སྔ་དྲོ་༩,༣༠ ཐོག་ཀེ་ར་ལ་རྒྱལ་བརྒྱུད་ཀྱི་གཙུན་མོ་མཆོག་དང་མཇལ་བ་དང་། ཁོང་གིས་ང་ཚོ་ལ་ཞི་བདེ་དགོས་ཀྱི་རེད་ལ་བོད་ལ་ཡང་ཞི་བདེ་དགོས་ཀྱི་རེད།   ངས་བོད་ལ་ཞི་བདེ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན་ལ་བོད་དོན་སྐོར་མང་པོ་ཤེས་ཀྱི་ཡོད་ཅེས་གསུངས་ནས་ནང་ཆོས་དང་འབྲེལ་དྲི་བ་མང་པོ་གནང་སོང་། དེ་རྗེས་ཚོུད་༡༡ ཐོག་མངའ་སྡེ་གཞུང་འཛིན་ཚོགས་པ་ཀོང་རི་སིའི་དྲུང་ཆེ་མཆོག་གིས་སྣེ་ལེན་དང་འབྲེལ་ལས་ཁུངས་དུ་བཅར་བ་དང་།  ཚོགས་གཙོའི་གཙོའི་རྒྱུན་ལས་བཅུ་གསུམ་དང་མཇལ་འཕྲིན་གྱི་ངོ་སྤྲོད་གྲུབ་པ་དང་།  ཚོགས་གཙོ་མཆོག་ནས་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཁྱེད་རང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ།  ༢༠༠༥ ལོར་བོད་དོན་རྒྱབ་སྐྱོར་ཀྱི་གྲོས་ཆོད་ཞིག་བཞག་ཡོད་ལ།    བོད་དོན་ཐོག་རྒྱུན་དུ་བགྲོ་གླེང་བྱེད་ཀྱི་ཡོད་ཅེས་གསུང་བྱུང་།   ཚེས་༡༥ ཉིན་སྔ་དྲོ་༨ སྐར་མ་༣༠ ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བློན་ཆེན་ལས་ཁུངས་སུ་གཞུང་འབྲེལ་གྱི་མཇལ་འཕྲད་ཞུས་ཏེ་སྔར་བཞིན་བོད་དོན་ངོ་སྤྲོད་ཞུས།  ཁོང་གིས། རྒྱབ་སྐྱོར་དང་བྱམས་བརྩེ་དུས་ནམ་ཡང་ཁྱེད་རང་ཚོ་ལ་ཡོད་ཅེས་དང་། ཁྱེད་རང་ཚོའི་རྩ་དོན་དེ་རླབས་ཆེན་གྱི་རྩ་དོན་ཞིག་རེད་སོགས་རྒྱབ་སྐྱོར་གྱི་བཀའ་སློབ་གནང་།

ཚོུད་༡༡ ཐོག་ཀེ་ར་ལ་མངའ་སྡེ་ནང་ཡོད་པའི་དབུས་གཞུང་གི་མཐོ་སློབ་ཆབ་སྲིད་དང་མཚན་རིག་སྡེ་མཚན་གྱི་སློབ་མ་༦༠ ལ་བོད་ཀྱི་འདས་བའི་ལོ་རྒྱུས་དང་།  ད་ལྟའི་གནས་སྟངས། མ་འོང་པའི་མངོན་འདོད་སོགས་དང་འབྲེལ་ནས་ཆབ་སྲིད་སྐོར་གྱི་གཏམ་བཤད་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་གནང་བ་དང་།  འགན་འཛིན་ཟུར་བ་མཁས་དབང་གྷོ་པ་ཀུ་མར (gopakumar)མཆོག་གིས་གཙོས་དགེ་སློབ་ཚོའི་དྲི་བ་ཁག་ལན་འདེབས་ཞུས།      ཕྱི་དྲོ་ཚོུད་༥དང་སྐར་མ་༤༠ ཐོག་ཡི་ཤུའི་ཆོས་དཔོན་སུ་ས་པཀ་ཀིམ(soosa pkim)མཆོག་དང་མཇལ་འཕྲད་ཞུས།  ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་དང་ཐུགས་སྨོན་གནང་བ་མ་ཟད། ཆེད་འགུག་གནང་བའི་གསར་འགོད་པ་༥ འདུག་པ་རྣམས་ལ་བོད་དོན་ངོ་སྤྲད་དང་།  ཁོང་གི་སྐུ་མགྲོན་ལ་རྒྱལ་ཁག་གཞན་ནས་འཕེབས་པའི་ཆོས་དཔོན་ཞིག་འདུག་པ་ཡང་ང་ཚོ་ལ་ངོ་སྤྲོད་གནང་།  ཕྱི་དྲོ་ཞལ་ལག་ཀྱང་ཆོས་དཔོན་རང་གི་གཟིམས་ཤག་ནང་མགྲོན་འབོད་གནང་བྱུང་།

 

Tuesday, January 15, 2013

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེ་རྒྱལ་ས་པ་ཏི་ན་རུ་འབྱོར་ཏེ་དཔོན་རིགས་ཐུག་འཕྲད་འགོ་འཛུགས་གནང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀོད་ཁྱབ་གནང་བའི་རྒྱ་གར་བྱང་ཕྱོགས་ཞུ་གཏུགས་ལས་འགུལ་བ་རྣམས་བྷེ་ཧར་མངའ་སྡེ་རྒྱལ་ས་པ་ཏི་ན་རུ་འབྱོར་ཏེ་དཔོན་རིགས་ཐུག་འཕྲད་འགོ་འཛུགས་གནང་ཡོད་པ་རེད།
THE FIRST DAY CAMPAIGN IN BIHAR TO DEMOSTRATE SOLIDARITY OF INDIA LEADERS AND PUBLIC FOR PRESENT SITUATION IN TIBET TODAY


༡) མངའ་སྡེ་བློན་ཆེན་ཟུར་བ་དང་། ད་ལྟའི་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མི་ལ་ལོ་པར་སི་དུ་ཡ་དུབ་མཆོག
༢) གུ་རུ་གྷོ་ཝལ་སིང་སིག་དགོན་ཆེན་གྱི་འགན་འཛིན་གཞོན་པ་ཇེ་ཐུ་སོགས་ལྷན།
༣) དབུས་གྲོས་ཚོགས་ཀྱི་འཐུས་མི་དང་། ཇེ་ཀྲི་ཡོ་ཚོགས་པའི་མངའ་སྡེ་ཚོགས་གཙོ་བེ་ཞེད་ཞུ་ན་རན་སིང་ཁུ་སོགས་ལྷན།
༤) བྷེ་ཇེ་བྷེ་མངའ་སྡེ་ཚོགས་གཙོ་གཞོན་པ་གཙོས་ཚོགས་པའི་གནད་ཡོད་མི་སྣ་ཁག
1. FORMER CM OF BIHAR , EX. RAILWAY MINISTER, AND MP OF RJD HONORABLE LALU PARSAD YADAV
2. PATNA SAHEB GURU GOVIND SINGH GURDUWAR VICE PRESIDENT AND G.SECTARY ETC.
3. MP,STATE PRESIDENT OF JDU, MEMBER OF PARLIAMENT AND EX.ALL INDIA PARLIAMENT TIBETAN SUPPORT GROUP.
4. STATE BJP VICE PRESIDENT AND MLA , BJP SPOKES AND OTHERS DIGNITARIES.

༄༅། །འདི་གར་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པར་དེ་ཤིའི་རྒྱལ་ས་ཧེ་དྲ་བྷ་ཏི་ཁུལ་གྱི་ཞུ་སྐུལ།


 
༄༅། །འདི་གར་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པར་དེ་ཤིའི་རྒྱལ་ས་ཧེ་དྲ་བྷ་ཏི་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང། འཇིགས་མེད་འབྱུང་གནས་ལགས། བུ་མོ་ཚེ་རིང་ལགས། བློ་བཟང་ཡེ་ཤེ་ལགས། རྒྱ་རི་བུ་ཕྲུག་ལགས་བཅས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཨན་དྲ་པར་དེ་ཤིའི་(Andhra Pradesh) རྒྱལ་ས་ཧེ་དྲ་བྷ་ཏི་ (Hyderabad) ནང་བོད་དོན་ཞུ་གཏུག་གི་ལས་འགུལ་

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་དང་བཀོད་སྒྲིག་གིས་རྒྱ་གར་གཞུང་མང་གཉིས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་ལས་འགུལ་རྒྱ་གར་བྱང་ཤར་ཚོགས་ཆུང་།

སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་ཞུ་གཏུག་ལས་འགུལ།
བྱང་ཤར་ཁུལ་དུ་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྣམས་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༦ ནས་དགུའི་བར། ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་དང། བློན་ཆེན། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་གནང་ཡོད་པ་དང། ཕྱི་ཚེས་༡༠ ཉིན་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཚོགས་གཙོ་དང། མངའ་སྡེའི་བློན་ཆེན་དང་གྲོས་ཚོགས་ཀྱི་འཐུས་མི་སོགས་ལ་མཇལ་འཕྲད།
དེ་ཡང་ཕྱི་ཟླ་༡ ཚེས་༡༠ ཉིན་གྱི་ཉིན་གུང་ཆུ་ཚོད་༡༢ དང་སྐར་མ་༥༠ ཐོག་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་མན་བྷེ་ནར་ཇི་(Shri Biman Banerjee) མཆོག་དང་ཁོང་གི་ཡིག་ཚང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་འབྲེལ་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པར། ཁོང་གིས་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་ནས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། དུས་རྒྱུན་བཙན་བྱོལ་དུ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་སྟངས་དང། ལས་དོན་བྱེད་ཕྱོགས་སོགས་བཀའ་འདྲི་དང་ངོ་སྤྲོད་ཞིབ་ཕྲ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད།
དེ་བཞིན་ཉིན་འདིར་མངའ་སྡེའི་ཟས་རིགས་བློན་ཆེན་སྐུ་ཞབས་ཇཱོ་ཏི་པི་རི་ཡ་མོ་ལིཀ (Shri Jyoti Pria Mollick) དང། མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་ཐུགས་སྣང་ཆེན་པོའི་ཐོག་ནས་གསན་འཇོག་གནང་བ་མ་ཟད། རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང།
མངའ་སྡེའི་ན་གཞོན་བློན་ཆེན་སྐུ་ཞབས་ཨ་རོབ་བྷི་སི་ཝ་སི་(Shri Aroop Biswas)མཆོག་དང་ཁོང་གི་ཡིག་ཚང་དུ་མཇལ་འཕྲད་ཀྱིས་བོད་དོན་སྐོར་རྒྱབ་སྐྱོར་གནང་རྒྱུའི་ཞུ་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་པར། ཁོང་གིས་ཀྱང་བོད་དོན་སྐོར་ལ་ཐུགས་སྣང་ཆེན་པོ་དང་སྦྲགས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་ཟད། བོད་དོན་སྐོར་ལ་དྲི་བ་གང་མང་གནང་བར་ལན་འདེབས་ཞིབ་ཕྲ་ཞུ་རྒྱུའི་གོ་སྐབས་བྱུང།
གཞན་ཡང་ཉིན་འདིར་མངའ་སྡེའི་ཕྱོགས་འགལ་དམར་ཤོག་ཚོགས་པའི་(CPIM)འཐུས་མི་སྐུ་ཞབས་ཨན་སུར་རེཧ་མན་(Shri Ansur Rehman) སྤྱི་ཚོགས་མང་གཙོ་ཚོགས་པའི་(DSP)མངའ་སྡེའི་གྲོས་ཚོགས་འཐུས་མི་པྲ་མོད་ཅནྡྲ་སིནྷ་(Shri Pramod Chandra Sinha)ལགས་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་ཞུས་པར་ཐུགས་སྣང་ཆེན་པོའི་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཐོབ།
མངའ་སྡེའི་སྤྱི་ཁྱབ་ཆེན་བློན་ཆེན་མཆོག་མཛད་བྲེལ་སྣེ་མང་ལ་བརྟེན། མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་མ་བྱུང་ཡང། སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱི་དམིགས་བསལ་འགན་བཞེས་པ་སྐུ་ཞབས་ཨ་ཤོཀ་སུ་བྲ་མ་ནྱིམ་(Mr. Ashok Subramaniam)ལགས་དང་ཡིག་ཚང་དུ་ཐུག་འཕྲད་ཀྱིས། སྤྱི་ཁྱབ་བློན་ཆེན་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་སྙན་ཞུ་ཡིག་ཐོག་ནས་འབུལ་ལམ་ཞུས།
ཕྱི་ཚེས་༡༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པ་ནས་༦ པའི་བར་མོན་གྷལ་གྷ་ལི་རི་ཚོགས་ཁང་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང། སྐབས་དེར་རྒྱལ་ཡོངས་གསར་ཤོག་(Times of India,The Hindu,The Statesman,Hindustan Times,PTI.ANI.)གསར་འགོད་པ་གཙོ་བོར་གྱུར་པའི་གྲངས་ ༢༥ ཙམ་ཕེབས་ཡོད་པ་དང། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་དྲི་བ་དྲིས་ལན་སོགས་ཀྱི་གོ་སྐབས་བྱུང་ཡོད་པ་རེད། གསར་འགོད་གསལ་བསྒྲགས་ཟིན་པའི་རྗེས་སུ་གསར་འགོད་པ་ཚོར་ཕྱི་དྲིས་ལས་ཁུངས་ནས་ཕྱོགས་བསྒྲིགས་གནང་བའི་ཆུ་ཚོད་ཕྱེད་ཀའི་བརྙན་འཕྲིན་གཟིགས་འབུལ་ཞུས། དེའི་རྗེས་ས་གནས་ཀྱི་བོད་མི་གནས་སྡོད་བྱེད་མཁན་དང། བོད་རིགས་སུད་ཚོང་བ། བོད་རིགས་ཁ་ཆེ་བ་དང། སློབ་མ་སོགས་བོད་རིགས་དང་ཡུལ་མི་བཅས་མི་གྲངས་ ༢༠༠ ལྷག་ཙམ་གྱིས་ཝི་ལིང་ཀྲོན་སི་ཀོ་འེར་ནས་པྲེ་སེ་ཀོ་ལོབ་བར་ལེ་དབར་གསུམ་ཙམ་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་དང་མཇུག་བསྡོམས་སུ་སྤྱི་འཐུས་རྣམ་པས་གཏམ་བཤད་གནང་སྟེ་ནུབ་བྷེང་གྷལ་མངའ་སྡེའི་ནང་གི་ལས་འགུལ་མཇུག་བསྡོམས་གནང་ཡོད་པ་རེད། དེའི་རྗེས་མངའ་སྡེའི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་དང་གྲོས་ཚོགས་གོང་མའི་ཚོགས་མི་སྐུ་ཞབས་ཌི་རེཀ་ཨོ་བྷི་རེ་ཡན་(Shri- Derek O Brien) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཞུས་ཡོད་པ་རེད།
སྐབས་འདིར་འདིར་སྤྱི་ཁྱབ་བློན་ཆེན་གཙོ་བོར་གྱུར་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་༢༩༦ ཡོད་པའི་ནང་ནས་དངོས་སུ་མཇལ་འཕྲད་བྱུང་བ་རྣམས་ལ་ཡིག་ངག་གཉིས་ཐོག་ནས་བོད་ནང་གི་དྲག་གནས་སྟངས་དང་ངོ་སྤྲོད་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ་དང། དངོས་སུ་མཇལ་འཕྲད་ཀྱི་གོ་སྐབས་མ་བྱུང་བ་རྣམས་ལ་རེ་རེ་བཞིན་སྦྲག་བརྒྱུད་མཚན་འཁོད་སྙན་ཞུ་དང་མཉམ་དུ་རང་ལུས་མེར་སྲེག་བཏང་བའི་ཡིག་ཆ་བཅས་འབུལ་ལམ་ཞུས་ཡོད་པ་རེད།
མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམས་ཚོགས་ཆུང་གསུམ་དུ་ཁག་བགོས་བྱས་ནས་རྒྱ་གར་ལྷོ་ཕྱོགས་དང། བྱང་ཤར། བྱང་ཕྱོགས་བཅས་སུ་སྤྱི་འཐུས་ཀྱི་ཚོགས་ཆུང་གསུམ་གྱིས་སྣེ་ཁྲིད་ནས་བོད་དོན་ཞུ་གཏུག་གིས་རྒྱབ་སྐྱོར་འཚོལ་བའི་ལས་འགུལ་ཞིག་རྒྱ་གར་ཡོངས་སུ་ཕྱི་ཟླ་དང་པོ་ནས་འགོ་འཛུགས་བྱས་ཡོད་པ་དང། བྱང་ཤར་ཁུལ་གྱི་ཞུ་གཏུག་ལས་འགུལ་གྱི་སྣེ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང། དེ་བཞིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་བཅས་ཕྱི་ལོ་༢༠༡༣ ཟླ་༡ ཚེས་༦ ཉིན་ནུབ་བྷེང་གྷལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་འབྱོར་ནས་ཞུ་གཏུག་གི་ལས་འགུལ་འགོ་འཛུགས་བྱས་ཡོད་པ་དང། དེ་རིང་ཕྱི་ཚེས་༩ བར་ནུབ་བྷེང་གྷལ་མངའ་སྡེའི་སྲིད་སྐྱོང་ཨེམ་ཀེ་ནཱ་ར་ཡ་ནན། (Shri M.K Narayanan)མཆོག་དང་ཁོང་གི་ཡིག་ཚང་གི་སྐུ་མགྲོན་ཐུག་འཕྲད་ཁང་དུ་མཇལ་འཕྲད་དང། རྒྱ་གར་དབུས་གཞུང་གི་གྲོང་ཁྱེར་ཡར་རྒྱས་བློན་ཆེན་ལྕམ་སྐུ་དྷི་པ་དྷ་སི་མོན་ཤི་(Smt Deepa Das Munshi)མཆོག་དང། རྒྱ་གར་དབུས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་དང། མངའ་སྡེའི་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་གཅིག་ལྕོགས་སྐུ་ཞབས་པར་དིབ་བྷར་ཊ་ཅ་རི་ཡ་(Pradip Bhattachariya)མཆོག ནུབ་བྷེང་གྷལ་མངའ་སྡེའི་འཆར་འགོད་བློན་ཆེན་སྐུ་ཞབས་རཅ་པཱལ་སིངྒ་(Shri.Rachhpal Singh)མཆོག
དེ་བཞིན་ནུབ་བྷེང་གྷལ་མངའ་སྡེ་དེའི་གྲོས་ཚོགས་འཐུས་མི་འབུམ་རམས་པ་ར་མེན་དྷ་ར་ནཱ་ཐཱ་བི་ཤི་ཝ་ཤ་(Dr.Ramendranath Biswas)ལགས་དང། སྐུ་ཞབས་ས་མ་རིཤ་དཱས་(Samares Das) དང། སྐུ་ཞབས་ཨ་བྷོ་ནི་ཇོར་རྡར་(shri.Aboni Joardar) ལགས། སྐུ་ཞབས་སུག་བི་ལན་བར་མ་(shri.Sukhbilan Barma ལགས་བཅས་དང་མཇལ་འཕྲད་གནང།
མངའ་སྡེའི་གཞུང་འཛིན་རྒྱ་གར་རྒྱལ་ཡོངས་ཏྲི་མུལ་ཀོང་རེ་སི་ཚོགས་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དུ་ཆེད་བཅར་གྱིས་ཚོགས་པ་དེའི་སྤྱི་ཁྱབ་ཚོགས་གཞོན་སྐུ་ཞབས་བྷ་ནི་སིངྒ་རོ་ཝེ་(shri.Bani Singh Roy)ལགས་དང། མངའ་སྡེ་དེའི་ནང་གི་གོང་རེ་སི་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དུ་བཅར་ནས་ཚོགས་པ་དེའི་ཚོགས་གཙོ་པར་དིབ་བྷར་ཊ་ཅ་རི་ཡ་སོགས་འབྲེལ་ཡོད་དབུ་ཁྲིད་རྣམས་དང་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ནས་བོད་དོན་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་ཡོད་པ་དང། འབྲེལ་ཡོད་སོ་སོས་དེ་ལུགས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།
མངའ་སྡེ་འདིའི་ནང་གི་ལས་འགུལ་གྲུབ་མཚམས་ལ་ཨོ་རི་ས་མངའ་སྡེ་དང། ཆ་ཏིཤ་གར་མངའ་སྡེ། ཇར་ཁནྡ་མངའ་བཅས་ལ་ཞུ་གཏུག་ཏུ་བཅར་རྒྱུ་རེད་འདུག་པ་བཅས་ཀྱི་གསར་གནས་སུ།




Monday, January 14, 2013

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་ལས་འགུལ་བྱང་ཕྱོགས་ཚོགས་ཆུང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་རྒྱ་གར་གཞུང་མང་གཉིས་ལ་ཞུ་སྐུལ་ལས་འགུལ་རྒྱ་གར་ལྷོ་ཕྱོགས་ཚོགས་ཆུང་།


  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་བཀོད་སྒྲིག་གིས་རྒྱ་གར་གཞུང་མང་གཉིས་ལ་ཞུ་སྐུལ་ལས་འགུལ་སྐྱབས་ཀྱི་གསར་འགོད་ལྷན་ཚོགས་ཁག་ཅིག་གི་རྣམ་པ། 

  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་བཀོད་སྒྲིག་གིས་རྒྱ་གར་གཞུང་མང་གཉིས་ལ་ཞུ་སྐུལ་ལས་འགུལ་སྐྱབས་ཀྱི་གསར་འགོད་ལྷན་ཚོགས་ཁག་ཅིག་གི་རྣམ་པ། 
  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་བཀོད་སྒྲིག་གིས་རྒྱ་གར་གཞུང་མང་གཉིས་ལ་ཞུ་སྐུལ་ལས་འགུལ་སྐྱབས་ཀྱི་གསར་འགོད་ལྷན་ཚོགས་ཁག་ཅིག་གི་རྣམ་པ། 
  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་བཀོད་སྒྲིག་གིས་རྒྱ་གར་གཞུང་མང་གཉིས་ལ་ཞུ་སྐུལ་ལས་འགུལ་སྐྱབས་ཀྱི་གསར་འགོད་ལྷན་ཚོགས་ཁག་ཅིག་གི་རྣམ་པ། 
ཕྱི་ལོ་༢༠༡༣  ཟླ༡  ཚེས་༦ ཉིན་རྒྱབ།  སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་གཞུང་མང་ལ་ཞུ་སྐུལ་ཚོགས་ཆུང་གིས་རྒྱ་གར་ལྷོ་ཕྱོགས་ཨན་རྡི་ར་པ་རྡེ་ཞི་མངའ་སྡེ་གྲོང་ཁྱེར་ཧེ་རྡར་སྦ་