Wednesday, October 8, 2014

མི་ཡུལ་གྱི་ཤམ་བྷ་ལ། འཛམ་གླིང་གི་སྣེ་མོ་གསུམ་པ། 

ནམ་གུང་དགུ་ཚིགས་སྐར་མ་མུན་པས་ཁྱེར།། བོད་ཡུལ་སྐྱིད་པོའི་ཕ་ས་མགྲོན་པོས་བཟུང་།། སྲིན་པོ་གདོང་དམར་ཚང་གི་བུ་རྒྱུད་ཚོ།། རི་ཆུ་སྟོང་ཕྲག་གཞལ་བའི་མཐའ་ལ་སྥྱུགས།།  སྟོང་འཇགས་ཕ་མཐའ་བྲལ་བའི་རི་ལུང་འདིར།། ལོ་རྒྱུས་སྙིང་ནས་འབོད་པའི་དབྱངས་རྟ་ཞིག། ཁྲི་ཤོར་རྒྱལ་མོའི་རླབས་ཀྱིས་མཐོར་བཏེགས་ཏེ།། ས་ཆེན་གོ་ལའི་ཁྱོན་ལ་ཐོལ་གྱིས་གཤེགས།།


No comments:

Post a Comment

ཁྱོད་ཀྱི་བསམ་ཚུལ་གནང་རོགས