།
ཨུ་ཚུགས་ཅན་གྱི་རྒྱ་དམར་མང་དུ་སོང་བས།།
སྟོང་འཇགས་ཕ་མཐའ་བྲལ་བའི་རི་ལུང ་འདིར་ཡང་།།
ལོ་རྒྱུས་སྙིང་ནས་དྲན་པའི་ཁ་བས་ གཡོགས་སོང་།།
རྡ་སར་ཁ་བ་བབས་པའི་ནངས་མོ་དེ་ལ། །
གོ་རེ་མོག་མོག་བཙོང་སའི་ཁྲོམ་ལ་ ཐོན་དུས།།
ཕྱི་མྱི་རྒྱ་གར་འགའ་ལས་ཅི་ཡང་མི ་འདུག།
གནས་ཡུལ་རྒྱ་གར་ཚང་གི་གླས་ཁང་རྣ མས་ཀྱང་།།
ཁ་བ་སྟུག་པོའི་ཁྲོད་ལ་ཡོངས་སུ་འ ཐིམ་པས།།
སྒོ་དང་སྒེའུ་ཁུང་ངོས་ཀྱི་ནག་ཐི ག་མིན་ན།།
རང་ཁྱིམ་ཁ་གང་མ་བོ་བཙལ་ཐབས་མེད་ ཀི།
ཐང་ཤིང་ཤུག་སྡོང་མགོ་ཡི་ཁྭ་སྐྱག ་ཚོགས་ལས།།
ས་སྟེང་འདི་ན་ཅི་ཡང་མེད་པ་ཡིན་ན མ།།
སྤྲེའུ་རི་ལས་བབ་པའི་ངང་ཚུལ་མཐོ ང་སྟེ།།
རང་རང་གནས་མལ་སྲུང་བའི་ཐབས་ཤིག་ ཡིན་ནམ།།
བོད་ཡུལ་མདོ་ཁམས་ཕྱོགས་ཀྱི་མེ་ད པུང་དྲག་པོས།།
གྲང་འཁྱགས་ལོ་ཟླ་ཡོངས་སུ་མ་ཞུས་ བར་དུ།།
མལ་ས་དྲོན་མོའི་ནང་ན་ལང་འདོད་མེ ད་པར།།
ཁང་རྩེག་རིམ་པ་གཅིག་གི་འགྲོ་གྲོ ན་སྒོམ་ཡོད།།
སྤྲང་ཁྱིའི་གཅོང་སྐད་ཕ་ཀིའི་རི་ ལ་འཁོར་ཞིང་།།
ཁྭ་ཏའི་ཐན་སྐད་ཚུར་ཁའི་ནགས་ན་མང ་བས།།
ཕ་ཁྱིམ་དགྲ་ཡིས་འཕྲོག་པའི་སྡུག་ ཡུས་སྐྱ་མོ།།
ཡ་ཆུང་སྙིང་ལ་བཅིངས་མཁན་ག་ཚོད་ཡོད་དམ།།
ས་ཆེན་འདི་ན་ཅི་ཡང་མེད་ཀི་བསམ་ན །།
དྲིན་ཆེན་ཕ་ལོའི་གདོང་གི་སྐྱོ་སྡུག་རི་མོ།།
དོན་མེད་བདག་གིས་བྲིས་བར་ཐེ་ཚོམ ་ཟས་ཏེ།།
བྲང་ཁ་གངས་ལ་གླན་ཏེ་ངུ་འདོད་སྐྱེ་གི།
རིན་ཆེན་སྟོང་ལས་ལྷག་པའི་ཡིད་བཞིན་ནོར་བུས།།
གནས་མཆོག་རྡོ་རྗེ་གདན་དུ་འགྲོ་དོན་སྐྱོང་སར།།
རིགས་མཐུན་ཡུལ་ནས་འབྱོར་བའི་མཇལ ་བ་རྣམས་ཀྱིས།།
རིག་རིག་མཐོང་ཚད་གཉིས་ལ་ཐལ་མོ་སྦྱོར་གི།
སེམས་ཀྱི་སྐྱོ་བ་གདོང་གི་མིག་ཆུ ས་འཁྲུ་བཞིན།།
གདོང་དམར་བོད་པ་ཚང་གི་ལས་དབང་ཡོ ད་ཚད།།
སྒོ་གསུམ་ཕྱག་གིས་བཀྱགས་ཏེ་ང་ཚོ ར་ཕུལ་བ།།
གོམ་གསུམ་མ་སྤོས་གོང་ནས་བརྗེད་པ ་མ་གནང་།།
སྒོ་བྱང་བརྗིད་པོ་དེ་ཚོ་ཁ་བས་གཡོགས་དུས།།
སློང་མོ་བ་ཚོ་ཕར་ན་བསྒྲིགས་འདུག ་ཟེར་གི།
སློང་མོ་བ་ཚོ་ཕར་ན་བསྒྲིགས་འདུག
ལང་ཚོ་ལོ་ཟླས་ཟོས་བའི་ཡུལ་འཁྱར་ བ་ཚོ།།
གཅིག་རྗེས་གཉིས་ཀྱིས་དེད་ནས་བུད ་ད་ཟེར་གི།
སྤྱན་རས་གཟིགས་ཀྱི་བསྟི་གནས་མེག ་གྷན་འདི་ཡིས།།
རེ་ཞིག་གཉིད་དུ་ཡུར་བའི་རྟུལ་ཞུ གས་བཟུང་པས།།
ལྷགས་རླུང་རུས་ལ་གཟན་པའི་ནམ་ཟླ་ བསྒོམས་ཏེ།།
ང་ཡང་མལ་སའི་ནང་ན་ད་དུང་ལངས་མེད །།
ཡ་ཆུང་མཆི་མའི་བརླན་པའི་ལོ་ལོན་ དེ་ཚོས།།
འཁྲེང་སེམས་ཕྱིར་མིག་རི་འདིར་ཡང ་ཡང་འཕེན་ཞོར།།
ཇག་པའི་རྒྱ་སྒོ་མང་པོ་རིམ་གྱིས་ བརྒལ་དུས།།
རུམ་གྱི་རིལ་བུ་ཚང་མ་ཚར་ད་ཟེར་གི།
ནད་མནར་ཟུག་གཟེར་ཅན་གྱི་ནད་པའི་ ཟས་སྐལ།།
གཅན་གཟན་ལྕགས་ཞྭ་ཅན་ཚོའི་ནོམ་དུ ་གྱུར་ཡང་།།
མི་ཞུ་དྲུག་ཅུ་བ་ཡི་ངོ་བོར་གྱུར ་ནས།།
གློ་སྙིང་བྲང་གསུམ་མྱུར་དུ་གས་བ ར་གྱུར་ཅིག།
ཅེ་སྤྱང་ལྟོགས་པའི་ང་རོ་བར་མེད་ བསྒྲགས་ནས།།
ཉམ་ཆུང་ལུག་ཁྱུ་གཏོར་བའི་ངང་ཚུལ ་མཐོང་དུས།།
མགོ་ནག་རྩམ་གཟན་ཚང་མ་ཤི་བ་མིན་ན །།
ཞེ་སྡིང་དྲག་པོའི་ཐོག་ནས་ཀི་གཅི ག་འདེབས་རོགས།།

No comments:
Post a Comment
ཁྱོད་ཀྱི་བསམ་ཚུལ་གནང་རོགས