དོན་ཚན་གཉིས་པ། ༸སྐུའི་གྱ་སྟོན་དང་འབྲེལ་བའི་བརྟན་བཞུགས་ཞབས་རིམ་སྒྲུབ་ཕྱོགས་སྐོར།
གཞིས་བྱེས་གཉིས་ཀྱི་བོད་རིགས་སྤྱི་དང་། ལྷག་པར་མདོ་སྨད་པ་ཡོངས་ཀྱིས་བོད་གངས་ཅན་པའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་དུ་གྱུར་བའི་༸རྒྱལ་དབང་ཡིད་བཞིན་ནོར་བུའི་སྐུ་ཚེ་ཞབས་པད་མི་འགྱུར་རྡོ་རྗེ་ཁམས་སུ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་མྱུར་བ་མྱུར་དུ་ཤར་བའི་སླད་དུ། ༸སྐུའི་གྱ་སྟོན་དང་འབྲེལ་དོན་སྙིང་ལྡན་པའི་བརྟན་བཞུགས་རྒྱས་པ་འདེགས་འབུལ་གྱི་ཞབས་རིམ་སྡིག་སྤོང་དགེ་སྒྲུབ་ཀྱི་དགེ་ཚོགས་སྤྱི་དང་། ལྷག་པར་དུ་ཐེངས་འདིའི་༸སྐུའི་གྱ་སྟོན་སླད་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་དྲངས་ཏེ་རྡོ་རྗེ་བཀའ་ལུང་ཞུས་བསྩལ་བྱུང་བའི་སྐུ་ཕྱྭའི་ཞབས་རིམ་ཁག་གཤམ་གསལ་བཀོད་པ་རྣམས་འབྱུང་འགྱུར་ལོ་གཉིས་རིང་རྒྱ་གང་ཆེར་གསོག་སྒྲུབ་གནད་སྨིན་ཡོང་བའི་འབོད་བསྐུལ་ནན་གྱིས་ཞུ་རྒྱུ་དང་། ཕྱི་ལོ་༢༠༡༥ཟླ་༧ཚེས་༥ཉིན་༸སྐུའི་གྱ་སྟོན་བརྟན་བཞུགས་དངོས་སུ་འབུལ་གཏན་འཁེལ་ཡོད་པས། ཕྱོགས་གང་ས་ནས་ཞབས་རིམ་གསོག་སྒྲུབ་ཞུས་པའི་གྲངས་ཐོ་ཅི་ཡོད་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡ འགྱངས་མེད་༸སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་ལ་ངེས་གནང་ཡོང་བའི་འབོད་བསྐུལ་ཡང་ཞུ་རྒྱུ་ཡིན།
དགེ་བསྐུལ་ཞབས་རིམ་གྱི་ཐོ་གཞུང་།
༡ རྒྱལ་བའི་བཀའ་འགྱུར་དག་འདོན།
༢ པཎ་གྲུབ་བཅུ་བདུན་གྱི་བསྟོད་པ།
༣ སྤྱན་བདུན་སྒེག་མོའི་ཚེ་ཡི་ཆོ་ག་དང་འབྲེལ་གཟུངས་སྔགས་དུང་ཕྱུར།
༤ མཎྜལ་བཞི་བའི་ཆོ་ག་དང་འབྲེལ་ཏཱ་རེའི་བསྟོད་པ་འབུམ་ཐེར།
༥ མ་ཧཱ་གུ་རུའི་ཐུགས་དམ་གནད་བསྐུལ།
༦ གསུང་བྱིན་བདེན་པའི་རྔ་སྒྲ།
༧ འཕགས་མཆོག་ཐུགས་རྗེ་ཆེན་པོའི་བདེན་ཚིག་སྨོན་ལམ།
༨ གཟུངས་སྔགས་ཡི་གེ་དྲུག་མ་དུང་ཕྱུར།
༩ སེམས་ཅན་ཚེ་ཐར་དང་སྲོག་བླུ་གྲངས་གསོག་གང་མང་།
༡༠ སྐྱེ་འགྲོ་མཆོག་དམན་ཀུན་གྱིས་དཀར་ཟས་ལ་འབད་བརྩོན་དགོས།
༡༡ མཆོག་གསུམ་སྤྱན་སྔར་མཆོད་སྤྲིན་རྒྱ་ཆེན་དང་ཁ་འདོན་དགེ་སྦྱོར་གྲངས་གསོག ལྷ་ཁང་དང་སྟོང་སྐུ། ཚ་ཁང་དང་ ཚ་ཚ་འབུམ་ཕྲག་གང་མང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྟན་སྲུང་རྣམས་ལ་བསང་གསོལ།
༡༡ དགོན་སྡེ་དང་ཆོས་སྒར་སོ་སོས་འདུལ་ཁྲིམས་སྲུང་ཞིང་འཆད་ཉན་ལ་ཤུགས་གནོན། ཆོས་ཐོག་འཕར་མ་དང་དམར་ཟས་སྤོང་ཐབས།
༡༢ མི་གསོད་རྐུན་ཇག་འཕྲོག་བཅོམ་དང་འཁྲུགས་རྩོད་རྒྱན་རྩེད་ཀྱི་ལས་ངན་སྤོང་ཞིང་ཉལ་ཐ་དུད་ཆང་རིགས་གཅོད་ཐབས་ཀྱིས་ཡ་རབས་བཟང་སྤྱོད་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་ལས་ལ་འབད་བརྩོན་གནང་རྒྱུ་བཅས་སོ།།
No comments:
Post a Comment
ཁྱོད་ཀྱི་བསམ་ཚུལ་གནང་རོགས