Friday, July 17, 2015

སྲིད་འཛིན་ཨོ་བྷ་ མའི་སློབ་སྟོན་པ་མཆོག་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་གྱི་མཛད་སྒོར་ཆེད་ ཕེབས་གནང་ནས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བཏོན་པ།


༢༠༡༥ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།
11224375_10154243431917281_8344201782907102955_n༄ ༅། །ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་༸གོང་ས་མཆོག་གིས་བྱང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་ གཞི་བྱས་པའི་ཇ་ཝི་ཏི་ཚོགས་ཁང་ Javits Center ཞེས་པའི་ནང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་ཆོས་འབྲེལ་ འཕྲོ་སྐྱོང་མཛད་གྲུབ་བསྟུན། དད་ལྡན་མང་ཚོགས་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་སྩལ། དེ་རྗེས་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོའི་ཐོག་མར་བྱང་ཨ་2015-07-10-NYC-G20རི་ ཁུལ་གྱི་བོད་མི་མང་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ས་གནས་བོད་འབངས་ ཡོངས་ཀྱི་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ པའི་གསོལ་འདེབས་སྨོན་ལམ་ཞུས་ཡོད།
སྐབས་དེར་བརྟན་བཞུགས་འདེགས་འབུལ་ཞུ་མཁན་ཁོངས་སུ་བྱང་ཨ་རི་ཁུལ་གྱི་བོད་ མིས་གཙོས་རྒྱ་རིགས་དང་། འབྲུག་པ། ཨུ་རུ་སུ། སོག་པོ། བལ་པོ། ཀམ་བྷོ་ཊི་ཡ། ཀོ་རི་ཡ། ཕི་ལི་པིན། དེ་བཞིན་ཧི་མ་ལ་ཡའི་མི་རིགས་སོགས་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པས་རང་རང་སོ་ སོའི་ཡུལ་ལུང་གི་གྱོན་ཆས་ཟབ་མཆོར་ལེགས་པར་གྱོན་ནས་བཀྲ་ཤིས་ཀྱི་ཆོས་ཚིག་ འདེགས་འབུལ་དང་སྦྲགས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་ བསྟར་འབུལ་ཞུས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ད་དུང་ལོ་ཉི་ཤུ་སུམ་ཅུ་འཚོ་གནས་ཐུབ་ རྒྱུའི་རེ་བ་དང་སྨོན་ལམ་ཡོད་ཅེས་བཀའ་བཞེས་བཟང་པོ་ཕེབས་དོན། ཕལ་ཆེར་ངའི་མི་ཚེ་འདིར་ང་རང་རྟོག་པ་མཐོ་པོ་ཡིན་ཞེས་ནམ་ཡང་ཟེར་གྱི་མེད། འོན་ཀྱང་ལས་དང་སྨོན་ལམ་གྱི་དམིགས་བསལ་འབྲེལ་བ་ཡོད་པ་དེ་ཕལ་ཆེར་གསལ་པོ་རེད། ང་ཚོ་བོད་གངས་ཅན་པའི་སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་བྱེད་ཐབས་དེ་སྤེལ་བཞིན་ཡོད། ཁ་ནས་འདྲ་ཆགས་པོ་བཤད་པ་ཙམ་མིན། ད་ལྟ་བར་ཧུར་ཐག་བྱས་པ་ཡིན། ད་དུང་ལོ་ཉི་ཤུ་སུམ་ཅུ་འཚོ་ཐུབ་རྒྱུའི་རེ་བ་དང་སྨོན་ལམ་ཡོད། ཅེས་བཀའ་སློབ་སྩལ།
ཕྱེད་ཡོལ་ཇ་ཝི་ཏི་ཚོགས་ཁང་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་ སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཚོགས་ཡོད། མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་གི་ སློབ་སྟོན་པ་རྒན་གྲས་ཝེ་ལེ་རི་ཇ་རེ་ཊ་ Valerie Jarrett མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་ སི་Nancy Pelosi མཆོག། ཨ་རི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གྷེར་(Richard Gere) 2015-07-10-NYC-G22ལགས། རྒྱ་རིགས་མཁས་དབང་ (Prof Ming Xia ) ལགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས། ཕྱི་ནང་གི་མི་མང་བཅས་ཁྱོན་མི་གྲངས་ ༡༥༠༠༠ བརྒལ་བ་འདུ་འཛོམས་གནང་འདུག
11665641_10154243431722281_9221882887313027136_nསྐབས་ དེར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་༸གོང་ས་མཆོག་དགུང་ གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་། ཕྱི་ལུགས་ལྟར་མངར་ཟས་འདེགས་འབུལ་དང་འབྲེལ་ས་གནས་བོད་ཕྲུག་ཚོས་གླུ་དབྱངས་ ཀྱི་མཆོད་པ་ཕུལ་སྐབས་མང་ཚོགས་རྣམས་ཡར་བཞེངས་ཏེ་ལག་ཏུ་དཀར་གཙང་མཇལ་དར་དང་ངོ་ གདོང་ལ་ཧ་ཅང་གི་དགའ་དད་སྤྲོ་གསུམ་གྱི་རྣམ་འགྱུར་དང་བཅས་མགོན་པོ་གང་ཉིད་ མཆོག་ལ་འཚམས་འདྲི་ཞུས་ཡོད་པ་མ་ཟད། ས་གནས་བོད་མི་དང་། སོག་པོ། འབྲུག་པ། ཁལ་མུཀ། བྷུ་རི་ཡཏ་སོགས་ནས་ཀྱང་ཡུལ་ལུང་སོ་སོའི་གླུ་དབྱངས་དང་བཅས་མགོན་པོ་གང་ཉིད་ མཆོག་ལ་བསྟོད་དབྱངས་ཀྱི་གླུ་གཞས་འཁྲབ་སྟོན་ཞུས་ཡོད། སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་ དྲན་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། ༸གོང་ས་མཆོག་གིས་དུས་རྟག་ཏུ་བྱམས་བརྩེ་སྒོམ་དགོས་པ་དང་། མི་བཟང་པོ་ཞིག་བྱེད་དགོས་པ། བོད་མི་ཚོས་དུས་རྟག་ཏུ་ཡ་རབས་བཟང་སྤྱོད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ སྐོར་བཀའ་སློབ་རིམ་བཞིན་ཕེབས་པར་བརྟེན། ང་ཚོ་ཚང་མས་བཀའ་སློབ་དེ་དག་ཡིད་ལ་འཇགས་པའི་ཐོག་ནས་ཉིན་རེ་ཉིན་རེ་ནས་བཟུང་ ལོ་ནས་ལོ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་འགྲོ་རྒྱུའི་དམ་བཅའ་གཙང་མ་ འཇོག་རྒྱུ་བཀའ་ཤག་གི་ཐོག་ནས་གལ་ཆེན་པོ་མཐོང་གི་འདུག དེར་བརྟེན་དེ་ལྟར་གནང་རོགས་ཞེས་ནན་ཏན་ཐོག་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ང་རང་ཚོ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱུང་ན་ཕྱི་ལ་གང་འདྲ་བྱུང་བ་ཡིན་ནའང་ འགྲིག་འགྲོ་གི་རེད། གལ་ཏེ་ང་རང་ཚོ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་མ་བྱུང་ན། ཕྱི་ལ་གདོང་ལེན་བྱེད་རྒྱུ་རང་བཞིན་གྱི་ཁག་པོ་ཆགས་ཀྱི་ཡོད། རྩ་བའི་སྤྱི་ཚོགས་ནང་རྙོག་གྲ་ཆེ་འབྲིང་ཆུང་གསུམ་མང་པོ་ཡོང་གི་རེད། རྙོག་གྲ་ཆེ་བ་དེ་ཚོ་ཆུང་དུ་གཏོང་ཐབས་དང་མེད་པ་བཟོ་རྒྱུར་ང་ཚོ་ཚང་མས་འབད་ བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།
2015-07-10-NYC-G082015-07-10-NYC-G21གཞན་ ཡང་སྐབས་དེར་དམིགས་བསལ་སྐུ་མགྲོན་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་གི་ སློབ་སྟོན་པ་རྒན་གྲས་ཝེ་ལེ་རི་ཇ་རེ་ཊ་ Valerie Jarrett མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་ སི་Nancy Pelosi མཆོག། ཨ་རི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གྷེར་(Richard Gere) ལགས། རྒྱ་རིགས་མཁས་དབང་ (Prof Ming Xia ) ལགས་བཅས་ཀྱིས་མགྲིན་དབྱངས་གཅིག་གྱུར་གྱི་ཐོག་ནས་༸གོང་ས་མཆོག་ནི་འཚེ་མེད་ཞི་ བ་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་ཞི་བདེའི་དེད་དཔོན་ཡིན་པ་སོགས་ཀྱི་ཆེ་བསྟོད་ཞུས་ཡོད་པ་མ་ཟད། ཁོང་རྣམ་པས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་ཤུགས་ དྲག་ཏུ་ཞུས་ཡོད།
སྐབས་དེར་ཝེ་ལེ་རི་ཇ་རེ་ཊ་ Valerie Jarrett མཆོག་གིས་གསུང་བཤད་གནང་དོན། ང་རང་དེ་རིང་འདིར་སྲིད་འཛིན་ཨོ་བྷ་མ་མཆོག་གི་མཚན་ཐོག་ནས་༸གོང་ས་མཆོག་གི་ འཁྲུངས་སྐར་ལ་ཨ་རི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པར་བཅར་བ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་སྟེང་ཞི་བདེ་དང་འཚེ་མེད་ཞི་བ། འགྲོ་བ་མི་དང་ཆོས་ལུགས་འདྲ་མིན་ཕན་ཚུན་དབར་འཆམ་མཐུན་མཛད་མཁན་གྱི་རླབས་ཆེན་ དབུ་ཁྲིད་གཅིག་ཡིན། ལྷག་པར་ངའི་མི་ཚེ་ནང་༸གོང་ས་མཆོག་གི་མཇལ་ཁ་ཞུས་རྗེས་ང་རང་ཉིད་ཀྱི་མི་ཚེའི་ ནང་འགྱུར་བ་ཆེན་པོ་ཞིག་ཕྱིན་ཡོད་སྐོར་སྲིད་འཛིན་མཆོག་ལ་སྙན་སེང་ཞུས་ཡོད་ སྐོར་སོགས་ཀྱི་གསུང་བཤད་གནང་། མཛད་སྒོའི་མཐའ་མར་༸གོང་ས་མཆོག་གིས་དེ་རིང་འདུ་འཛོམས་ཆེན་པོ་འདི་བརྒྱུད་མི་ མང་ཚོའི་ངོས་ནས་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་དགོས་པའི་བཀའ་སློབ་སྩལ་དོན། བདེ་སྡུག་དེ་གཙོ་བོ་སེམས་ཀྱི་ཚོར་བ་ཡིན་སྟབས། དེའི་ཐོག་ནས་ཕྲན་བུ་ཕན་ཐོགས་བྱེད་ཐུབ་རྒྱུ་གང་ཡོད་མེད་ཀྱི་ཐོག་ཉམས་མྱོང་ བསགས་ནས་ཡོང་དུས། ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་སྤྱིའི་བསམ་བློ་གཏོང་སྟངས་དང་བདེ་སྐྱིད་ཡོང་ བར་མིའི་བྱམས་བརྩེ་ཞེས་པ་དེ་གལ་ཆེ་ཤོས་དེ་ཆགས་ཡོད། ང་རང་ངོས་ནས་ལོ་ ༨༠ ཕྱིན་པའི་མི་རྒན་གཅིག་གིས་མི་ཚེ་ནང་བྱམས་བརྩེ་ཟེར་བ་དེ་གཙོ་ཆེ་ཤོས་ཡིན། དེ་བཞིན་ཁྱེད་རང་ཚོས་མི་རྒན་ལོ་ ༨༠ ལོན་པའི་ཉམས་མྱོང་དེ་བསླབ་ཏེ་གང་ཐུབ་བྱམས་བརྩེ་ལྡན་པ་ཞིག་བྱེད་རོགས། དེ་རིང་འདིར་ཡོད་པའི་བོད་དོན་ཐོག་དངོས་གནས་དྲང་གནས་ཀྱི་ཤ་ཚ་སེམས་ཁུར་ཡོད་ མཁན། དེ་ཡང་ཐེངས་གཅིག་དང་དུས་གཅིག་མིན་པར་ལོ་ནས་ལོ་བསྟུད་ནས་སེམས་ཁུར་དང་རྒྱབ་ སྐྱོར་འགྱུར་བ་མེད་པར་གནང་མཁན་ཁྱེད་རང་ཚོ་ཁ་ཤས་དངོས་སུ་ཕེབས་ཡོད། ཁྱེད་རང་ཚོ་བརྒྱུད་ནས་བོད་ཀྱི་བདེན་དོན་ཐོག་སྔ་ཕྱི་བར་གསུམ་ཤ་ཚའི་སེམས་ཁུར་ བླངས་ནས་རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།

No comments:

Post a Comment

ཁྱོད་ཀྱི་བསམ་ཚུལ་གནང་རོགས